མི་སྒེར་གྱི་འཕྲོད་བསྟེན་དང་སྤྱི་ཚོགས་ཀྱི་འཕྲོད་བསྟེན་བར་ཁྱད་པར་གང་ཡོད།

འདོན་སྤེལ། ༢༠༡༣/༠༧/༡༨

གཟའ་ཟླ་བའི་སྔ་དྲོར་ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་མིའི་འཕྲོད་བསྟེན་ལས་ཁུངས་དང་ཐའེ་ཝན་གྱི་སློབ་ཆེན་ཞིག་མཉམ་འབྲེལ་ཐོག བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་ཟབ་སྦྱོང་ཞིག་མགོ་འཛུགས་གནང་སོང་ 

ཕྱི་ཚེས་  ༡༥ ཉིན་གྱི་ཞོཊ་པའི་ཆུ་ཚོད་ ༩།༣༠ ཐོག  བཞུཊ་སྒར་བོད་ཀྱི་གསོལ་མགྲོན་ཁང་དུབོད་མིའི་སྒྲིའཛུཊ་འཕྲོད་བསྟེན་ལས་ཁུངས་དང་། ཐའེ་ཝན་ཡཱང་མེན་རྒྱལ་སྤྱིའི་གཙུག་ལག་སློབ་ཆེན་ (National Yang_Ming University) ཟུང་འབྲེལ་ཐོག རྒྱ་བལ་གཉིས་ནས་ཕེབས་པའི་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་དང་སློབ་གྲྭ་ཁག་གི་སྨན་ཞབས་པ་རྣམས་ལ་སྤྱི་ཚོཊ་འཕྲོད་བསྟེན་གྱི་ཟབ་སྦྱོང་ཞིག་མགོ་འཛུགས་གནང་ཡོད་ཅིང་། ཟབ་སྦྱོང་དབུ་འཛུཊ་མཛད་སྒོར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་ ཐའེ་ཝན་ཡཱང་མེན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལོའུ་ཙི་ཡན། དེ་བཞིནཐའེ་ཝན་ནས་ཕེབས་པའི་སྨན་པ་ ༢ དང་སྨན་ཞབས་པ་ རྒྱ་བལ་གཉིས་ནས་ཕེབས་པའི་བོད་པའི་སྨན་ཞབས་པ་ ༡༨ བོད་མིའི་སྒྲིག་འཛུཊ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བཅས་འཛོམས་འདུག

ཟབ་སྦྱོང་དེ་ཕྱི་ཚེས་ ༡༥ ནས་ ༡༩ བར་གྱི་ཉིན་ལྔའི་རིང་སྤྲོད་འཆར་ཡོད་པ་དང་ཉིན་དང་པོར་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་གནས་ཐོག་བཀའ་སློབ་གནང་བ་དང་ཐའེ་ཝན་ཡཱང་མེན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལོའུ་ཙི་ཡན་གྱིས་ཐའེ་ཝན་ནས་ཆེད་དུ་ཕེབས་པའི་སྨན་པ་དང་སྨན་ཞབས། ལས་གཞི་བཅས་ངོ་སྤྲོདདང་ ཐའེ་ཝན་ནང་གི་སྤྱི་ཚོགས་འཕྲོད་བསྟེན་དང་འབྲེལ་བའི་བརྙན་ཐུང་གཟིགས་འབུལ་བཅས་གནང་སོང་ལ། ཉིན་རྒྱབ་ནས་བཟུང་ཟབ་སྦྱོང་དངོས་སུ་མགོ་འཛུགས་གནང་སྟེ་ཉིན་རེའི་ལས་རིམ་དང་འབྲེལ་བའི་དྲི་བ་དྲིལན་དང་བགྲོ་གླེང་བཅས་གནང་རྒྱུ་ཡིན་འདུག

དབུ་འཛུགས་མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་གིས། ཐའེ་ཝན་ཡཱང་མེན་སློབ་ཆེན་གྱི་དགེ་རྒན་དང་སྨན་པ། སྨན་ཞབས་པ་བཅས་ཆེད་དུ་འདིར་བཅར་ཏེ་ཟབ་སྦྱོང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུབ་དང་འབྲེལ། ཟབ་སྦྱོང་འདི་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་གཙོ་བོ། ད་ལྟའི་ཆར་སྤྱི་ཚོགས་འཕྲོད་བསྟེན (Public Health) ལ་ཚང་མས་གལ་ཆེན་དུ་འཛིན་གྱི་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་གར་ནང་དེ་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། སྤྱི་ཚོགས་འཕྲོད་བསྟེན་ཞེས་པ་དེ་ནམ་རྒྱུན་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་པ་དེ་མིན་པར། ནད་པ་སྨན་ཁང་དུ་མ་ཡོང་སྔོན་ཏུ་མི་མང་གི་འཕྲོད་བསྟེན་ཇེ་ལེགས་དང་ད་གཞི་སྔོན་འགོག་གི་ལས་གཞི་སྤེལ་རྒྱུ་དེ་ཡིན་སྟབས། སྤྱི་ཚོགས་ཀྱི་འཕྲོད་བསྟེན་གནས་སྟངས་ལ་གཞིགས་ཏེ་བོད་མིའི་སྒྲིག་འཛུཊ་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤྱི་ཚོགས་འཕྲོད་བསྟེན་ཐོག་ཤུགས་རྒྱག་རྒྱུ་གལ་ཆེན་དུ་འཛིན་གྱི་ཡོདསྐོར་གསུངས་བྱུང་

ཐེངས་འདིའི་ཟབ་སྦྱོང་ཐད་ཁོང་གིས།འཛིན་སྐྱོང་བཀའ་ཤག་གིས་ཤེས་ཡོན་གལ་ཆེ་ཤོས་སུ་བརྩི་བཞིན་ཡོད་པ་ལྟར། ཐེངས་འདིའི་ཟབ་སྦྱོང་ནང་བརྒྱ་ཆ་ ༦༠% སློབ་གྲྭ་ཁག་གི་སྨན་ཞབས་པ་ཆགས་ཡོད། ཤེས་ཡོན་ཐོག་ཤུགས་རྒྱག་པ་ལ་ཕྲུ་གུའི་འཕྲོད་བསྟེན་ཡག་པོ་མེད་ཚེ་ཁག་པོ་ཡིན་སྟབས། སློབ་གྲྭའི་འཕྲོད་བསྟེན་དེ་གཙོ་བོ་ཕ་མ་དང་སློབ་གྲྭའི་འགན་འཛིན། སློབ་གྲྭའི་འཕྲོད་བསྟེན་ཚོགས་ཆུང་། སྤྱི་ཚོགས་བཅས་སྡེ་ཚན་ཁག་བཞི་ལ་རགལས་འདུག དེ་ལས་ཀྱང་གཙོ་ཆེ་བ་དེ་རིང་འདིར་ཕེབས་པའི་སྨན་ཞབས་པ་ཚོ་ཆགས་ཡོད་སྟབས། ད་རེང་ཚོས་ཨེ་ཤ་འི་ནང་སྙན་གྲཊ་ཡོད་པའི་ཡཱང་མེན་གཙུག་ལག་སློབ་ཆེན་གྱི་སྨན་པ་དང་སྨན་ཞབས་གདན་འདྲེན་ཞུས་ཏེ་ཟབ་སྦྱོང་སྤྲོད་ཀྱི་ཡོད་དུས་ཚང་མས་དོ་སྣང་ཆེན་པོ་སྤྲོད་དགོས་པ་དང་ཕྱིར་ལོག་རྗེས་ངེས་པར་དུ་ལག་བསྟར་གནང་ཐུབ་པའི་རེ་བ་ཞུ་བཞིན་ཡོད།ཅེས་གསུངས་བྱུང་ 

ཡང་སློབ་གྲྭ་ཁག་གི་འཕྲོད་བསྟེན་གནས་སྟངས་ཐད་ཁོང་གིས།ང་ཚོའི་སློབ་གྲྭ་ཁག་ལ་མཚོན་ན། མང་ཆེ་བ་གཏན་འཇགས་སློབ་གྲྭ་ལྟ་བུ་ཆགས་ཡོད་སྟབས། སློབ་གྲྭའི་དགེ་རྒན་དང་ལས་བྱེད་ཚོར་འགན་ཆེན་པོ་ཡོད། སློབ་མ་སློབ་འཇུག་སྐབས་ཕྲུ་གུ་ཚོར་ཨེམ་ཆི་ཚད་ལྡན་གྱི་བརྟག་དཔྱད་བྱས་པའི་ལག་ཁྱེར་དང་། སྔོན་འགོག་གི་ཁབ་ཏག་ཏག་བརྒྱབ་ཡོད་མེད། སློབ་གྲྭའི་ནང་ལོ་ལྟར་གཟུགས་པོབརྟག་དཔྱད་དང་འཕྲོད་བསྟེན་སློབ་གསོའི་ལས་འགུལ་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སློབ་གྲྭ་ཁག་ཏུ་མྱོས་རྫས་རིགས་ཟ་མཁན་ཚབས་ཆེན་མིན་ཡང་། འགྱིག་བསུབ་སོགས་ཀྱི་དྲི་མར་སྣོམ་མཁན་མང་པོ་ཡོང་གི་ཡོད་སྟབས། དེ་དག་གིས་མིའི་ལུས་པོར་གནོད་སྐྱོན་ག་ཚོད་ཡོང་གི་ཡོད་མེད་གོ་རྟོགས་སྤེལ་དགོས། དེ་དང་མཉམ་དུ་འཕྲོད་བསྟེན་གོང་འཕེལ་འགྲོ་བའི་ལས་གཞི་དང་སེམས་ཁམས་ཀྱི་འཕྲོད་བསྟེན་བཅས་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་ཕྲུ་གུ་མང་ཆེ་བ་ཕ་མ་བཞག་སྟེས་ཐག་རིང་པོ་ནས་ཡོང་ཡོད་པ་དང་། ཡིག་ཚད་སོགས་ཀྱི་དངངས་སྐྲག་གིས་སེམས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། མ་འོངས་པར་ཁྱེད་རྣམ་པས་སློབ་གྲྭའི་འཕྲོད་བསྟེན་དེ་ཧ་ཅང་གལ་ཆེན་པོར་འཛིན་དགོས” ཞེས་གསུངས་བྱུང་

མཇུག་ཏུ་གསར་འགོད་པས་ཐའེ་ཝན་ཡཱང་མེན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལོའུ་ཙི་ཡན་ལགས་སུ་བཅར་འདྲི་ཞུས་པར་ཁོ་མོས།ང་ཚོད་རེཐོག་མ་དེ་ཆགས་ཡོད། ང་ཚོས་ཐའེ་ཝན་འཕྲོད་བསྟེན་ལས་ཁུངས་ལ་སྙན་ཞུ་ཕུལ་བ་ལྟརརོགས་དངུལ་རག་སྟེང་ཚོ་ཡོང་བ་ཡིན། ང་ཚོའི་དམིགས་ཡུལ་གཙོ་བོ། བཙན་བྱོལ་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཁྲིད་གཞི་ངོ་སྤྲོད་དང་ ས་གནས་ཀྱི་གནས་སྟངསདང་མི་མང་གི་དགོས་མཁོ་ལ་དམིགས་ཏེ་འཕྲོད་བསྟེན་ཤེས་བྱ་མཁོ་སྤྲོདགནང་རྒྱུ་ཡིན། ཟབ་སྦྱོང་མཇུག་སྒྲིལ་རྗེས་བསམ་ཚུལ་བསྡུའཆར་ཡོད། ང་ཚོས་མུ་མཐུད་ལས་གཞི་འདི་སྤེལ་ཐུབ་མིན། ཐའེ་ཝན་འཕྲོད་བསྟེན་ལས་ཁུངས་ཀྱི་རོགས་དངུལ་རག་མིན་ལ་ཐུག་ཡོད་པ་རེད། ང་ཚོས་ཉ་འཛིན་སྟངས་བསླབ་བཞག་པ་དེ་ཁྱོད་ཚོས་སྤྱི་ཚོགས་ནང་ལག་བསྟར་བྱེད་རྒྱུ་ང་ཚོའི་རེ་བ་ཡིནཞེསབརྗོད་བྱུང་

ཐའེ་ཝན་ཡཱང་མེན་གཙུག་ལག་སློབ་གྲྭ་ནི། ༢༠༠༢ ལོར་གསར་འཛུགས་གནང་བའི་འཕྲོད་བསྟེན་གཙོ་བོར་བཟུང་བའི་རྒྱལ་སྤྱིའི་རང་བཞིན་གྱི་སློབ་ཆེན་ཞིག་ཡིན་འདུག་ལ། སློབ་ཆེན་འདི་ལས་འགན་གཙོ་བོ་སློབ་མ་སྐྱེད་སྲིང་དང་སྤྱི་ཚོགས་འཕྲོད་བསྟེན་ཞབས་ཞུ། སྨན་ཞབས་པ་གསོ་སྐྱོང་ སྐྱེ་དངོས་ཕྲ་རབ་བརྟག་དཔྱད། ནད་རིགས་སྔོན་འགོག་བཅས་སྡེ་ཚན་ཁག་ཡོད་འདུག  ད་ལྟའི་ཆར་སློབ་ཆེན་འདིར་དགེ་རྒན་ ༤༠༠ ལྷག་དང་ སློབ་མ་ ༤༠༠༠ ལྷག་ཡོད་འདུག་ལ། སློབ་གྲྭའི་སློབ་མའི་བརྒྱ་ཆ་ ༧༠% ཞིབ་འཇུག་སློབ་མ་ཆགས་ཡོད་འདུག  སློབ་གྲྭ་འདི་ཐའེ་ཝན་རྒྱལ་ཁོངས་སུ་མཚན་སྙན་ཡོད་པ་མ་ཟད། ཨེ་ཤ་ཡ་དང་འཛམ་གླིང་ནང་སྐད་གྲགས་ཡོད་པའི་གཙུག་ལག་སློབ་གྲྭ་ཞིག་ཡིན་འདུག

གསར་འགོད་པ། དོན་གོ

ཤོག་ངོས་འདི་ཐེངས་ ༡༠༢༧ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།