བོད་མི་ཞིག་ལ་སྲོག་ཁྲིམས།

འདོན་སྤེལ། ༢༠༡༣/༠༨/༡༩

གཟའ་ཕུར་བའི་ཉིན་རྒྱ་ནག་གཞུང་གིས་རྒྱལ་གཅེས་དཔའ་མོ་དཀོན་མཆོག་དབང་མོ་ལགས་ཀྱི་བཟའ་ཟླ་སྒྲོལ་མ་སྐྱབས་ལགས་སུ་སྲོག་ཁྲིམས་ཀྱི་ཁྲིམས་ཐག་བཅད་འདུག

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༣ ཉིན་རང་ལུས་མེར་བསྲེཊ་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་མོ་དཀོན་མཆོག་དབང་མོ་ལགས་ཀྱི་བཟའ་ཟླ་སྒྲོལ་མ་སྐྱབས་ལགས། ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་འཛིན་བཟུང་གིས་ད་བར་བཀག་ཉར་བྱས་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྔ་པ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། སྒྲོལ་མ་སྐྱབས་ལགས་སུ་ཆེད་དུ་མི་བསད་པའི་ཉེས་མིང་འོག་སྲོག་ཁྲིམས་ཀྱི་ཁྲིམས་ཐག་དང་། ཚེ་གང་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཡོད་སྐོར་ཁྱབ་བསྒྲགས་བྱས་འདུག

ད་དུང་ཉིན་དེའི་གནས་ཚུལ་ཁྱབ་བསྒྲགས་སྐབས། རྔ་པ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རང་ལོ་ ༣༣ ཡིན་པའི་སྒྲོལ་མ་སྐྱབས་ཀྱིས་ཆང་རག་བཏུང་རྗེས། རང་ལོ་ ༢༩ ཡིན་པའི་ཁོང་གི་བཟའ་ཟླ་དཀོན་མཆོག་དབང་མོ་དང་འཁོན་འཛིང་ཤོར་ཡོད་པ་དང་། རྗེས་སུ་སྒྲོལ་མ་སྐྱབས་ཀྱིས་སྐེ་དཀྲིས་ཀྱིས་ཆུང་མའི་སྐེ་བསྡམས་ཏེ་བསད་རྗེས། ཕུང་པོ་མེར་བསྲེཊ་བཏང་ཡོད་སྐོར་བསྒྲགས་འདུག་ལ། སྐབས་དེར་སྒྲོལ་མ་སྐྱབས་ལགས་ཀྱིས། ཁོང་གིས་ཐེངས་འདིའི་དྲང་བདེན་མིན་པའི་ཁྲིམས་ཆདདེ་སི་ཁྲོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག   

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་༡༡།༣༠ ཡས་མས་སུ་སི་ཁྲོན་ཆེན་ཞིང་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་དུ། རང་ལོ་༣༠ ཡིན་པའི་རྒྱལ་གཅེས་དཔའ་མོ་དཀོན་མཆོག་དབང་མོ་ལགས་ཀྱིས། རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་སྐབས་ཐོག་དེར་སྐུ་གྲོངས་ཡོད་པ་དང་། དེ་མ་ཐག་མཛོད་དགེ་རྫོང་གི་ཉེན་རྟོག་པ་འབྱོར་ཏེ་སྐུ་ཕུང་བཙན་ཁྱེར་བྱས་ཡོད་མ་ཟད། ཕྱི་ཚེས་ ༡༤ ཉིན་རྟོག་པས་མོའི་བཟའ་ཟླ་སྒྲོལ་མ་སྐྱབས་ཉེན་རྟོག་ཁང་དུ་སྐད་བཏང་སྟེ་རུས་ཐལ་ཞིག་རྩིས་སྤྲོད་དང་ཆུང་མ་དཀོན་མཆོག་དབང་མོས་རང་སྲེག་བྱེད་དོན་བཟའ་ཚང་ནང་ཁུལ་གྱི་རྙོག་དྲ་ཡིན་པའི་ཁས་ལེན་བྱ་དགོས་པའི་བཙན་བཀའ་བཏང་འདུག སྐབས་དེར་སྒྲོལ་མ་སྐྱབས་ལཊ་ཀྱིས་ངོས་ལེན་རྩ་བ་ནས་མ་བྱས་སྟབས། སྐབས་དེ་ནས་བཟུང་ཉེན་རྟོག་པས་ཁོང་མཛོད་དགེ་རྫོང་དུ་བཀག་ཉར་ཁང་བྱས་ཡོད་འདུག  

སྒྲོལ་མ་སྐྱབས་ལགས་ཀྱི་སྐྱེས་ཡུལ་སི་ཁྲོན་མཛོད་དགེ་བྱམས་མེ་ཕྱུགས་རྭ་སྡེ་བ་ཡིན་པ་དང་། ཁོང་དང་རྒྱལ་གཅེས་དཔའ་མོ་དཀོན་མཆོག་དབང་མོ་གཉིས་ལ་རང་ལོ་༨ ཙམ་གྱི་བུ་མོ་ཞིགཡོད་འདུག

གསར་འགོད་པ། དོན་གོ
ཤོག་ངོས་འདི་ཐེངས་ ༢༧༩༨ ལ་བཀླགས་འདུག
རིག་པ་འདོན་པ།
ཤར་མདའ།
༢༠༡༣/༠༨/༢༤ ཉིན་འདོན་སྤེལ་བྱས།
རྒྱ་ནག་དམར་གཞུང་གིས་དྲང་བདེན་མ་ཡིན་པས་ཁྲིམས་ཆད།

རྒྱལ་གཅེས་དཔའ་མོ་དཀོན་མཆོག་དབང་མོ་ལགས་ཀྱི་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་མཆོད་ཕུལ་ནས་རླབས་ཆེན་གྱི་མཛད་རྗེས་འདི་ལ་དབུ་སྒྲིག་འཛུགས་དང་རང་དབང་ལྡན་པའི་ཚོགས་སྡེ་ཁག་གི་དངོས་འཛིན་གང་འདྲ་ཞིག་གནང་གི་ཡོད་གསལ་བྱེད་རྒྱུ་གལ་ཆེ་རེད།  གང་ཡིན་ཟེར་ན་ཆུང་མིས་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེ་མཆོད་བཏང་བ་འདི་རྒྱ་ནག་དམར་གཞུང་གིས་འཁྱོག་བརྗོད་དང་ཉེས་འཛུགས་ཀྱི་འོག་ནས་རང་གི་གཟའ་ཟླ་སྒྲོལ་མ་སྐྱབས་ལ་སྲོག་ཁྲིམས་བཅད་ཀྱི་ཡོད་འདི་ནི་འུ་ཚོ་རང་དབང་ལུང་པ་ན་ཡོད་པའི་ཚོགས་སྡེ་ཁག་གིས་དངོས་འཛིན་གསལ་བོ་ཞིག་བྱས་ནས་སྐད་འབོད་བྱེད་དགོས་ན་རེད་གང་ལྟར་དྲང་བདེན་མ་ཡིན་པ་འདི་འཛམ་གླིང་མི་མང་ལ་ཤེས་སུ་འཇུག་དགོས་པ་འུ་ཚོས་ལས་འགན་རེད་གང་ཡིན་ཟེར་ན་སྒྲོལ་མ་སྐྱབས་རང་ཉིད་ལ་ནར་གཅོད་ཅི་ཙམ་བཡང་ཡང་དྲང་བདེན་མ་རེད་ཅེས་ཁས་ལེན་བྱས་མེད་པ་ཡིན་དུས་འུ་ཚོས་ཁོང་ལ་རྒྱབ་སྐྱོར་གྱིས་འཛམ་གླིང་མི་མང་ལ་དྲང་བདེན་མ་ཡིན་པས་ཁྲིམས་ཆད་གཅོད་ཡོད་པ་ཤེས་སུ་འཇུག་དགོས་པ་མ་ཡིན་ནམ་གཞོན་ནུ་དང་བུད་མེད་ཚོགས་པ་སོགས་རང་དབང་ལྡན་པའི་ཚོགས་པ་ཁག་ད་ཅི་བྱེད་བཞིན་ཡོད་མི་ཉམ་ཆུང་ཞིག་ལ་རྒྱབ་སྐྱོར་མི་བྱེད་པ་དེ་འདྲ་ཡིན་སྲིད་ཅི་མ་རེད་མྱུར་ཏུ་སྐྱོབ་ཐུབ་བྱེད་དགོས་པ་གལ་ཆེ་རེད་ཞེས་བརྗོད་འདོད་བྱུང་
ཆབ་བྲག་ལྷ་མོ་སྐྱབས།
༢༠༡༣/༠༨/༡༨ ཉིན་འདོན་སྤེལ་བྱས།
མི་སྲིད་སྲིད་པ་སྲིད་པ་འདི་ན་མང། རྒྱ་ནག་དམར་པོའི་སྲིད་ལ་དེ་བས་སྲིད།

གནས་ཚུལ་འདིའི་སྐོར་ཕྱི་གསལ་ནང་གསལ་བྱེད་རྒྱུར་བཙན་བྱོལ་བོད་གཞུང་ལ་དམིགས་བསལ་འོས་འགན་ཡོད། གསར་འགོད་པས་གཙོས་རྩོམ་པ་པོ་སོགས་ཚང་མས་གནད་དོན་འདི་རིགས་ལ་ཐབས་ཤེས་ཡོད་དགུ་བཏོན་ནས་གསལ་བོ་བཟོ་དགོས།
ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།
༢༠༡༣/༠༨/༡༧ ཉིན་འདོན་སྤེལ་བྱས།
ང་ནི་སྔར་ནས་ལྐུགས་པར་གྱུར་ཟིན་ཡོད།
གཅན་བཟོད་རྒྱམ།
༢༠༡༣/༠༨/༡༧ ཉིན་འདོན་སྤེལ་བྱས།
ང་ལྟ་བུ་ནི་ཡིད་ལ་ཕངས་སེམས་ཞིག་སྐྱེས་ན་ལས་ཅི་འཇོན།
ངོ་མ་བོད་མི་རིགས་འདིའི་ལས་དབང་ལ་སྨན་པའི་ལས་ཀ་ཞིག་བྱེད་དཀའ་གི

ཆུང་མས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཆེད་དུ་རང་སྲོག་བཏང་རྗེས་ཀྱི་ཁྱོ་ཀ་དང་བུ་ཕྲུག་བཅས་པ་སེམས་སྡུག་ཅི་ཙམ་ཡོད་ཀྱང་། རྒྱ་དམར་པོ་འདི་བ་ཚང་གིས་རོ་ཐོག་ལ་རྟ་རྒྱུགས་དགོས་པའི་བཙན་གནོན་འདི་བཟོད་ནུས་སམ།
བོད་མི་ཚོའི་འདི་ལྟ་བུའི་བཙན་གནོན་ལ་མུ་མཐུད་ནས་ངོ་རྒོལ་དང་དབེན་པའི་རྒྱབ་ལངས་བྱ་དགོས་སྙམ།
དེ་ཡང་ཞུ་ཡིག་འབུལ་བ་དང་མིང་རྟགས་བསྡུ་རུབ་ཀྱིས་སྒྲོལ་མ་སྐྱབས་ཁོང་ནག་མེད་ཉེས་འཛུགས་ཀྱི་ཁྲིམས་ཆད་དེ་ལས་གང་མགྱོགས་གློད་དགོས་པའི་ལས་འགུལ་སྤེལ་དགོས།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།