ཚེས་ ༢༢ ཉིན་པའོ་ལ་ཁྲིམས་ཐག་གཅོད་རྒྱུ་རེད།

འདོན་སྤེལ། ༢༠༡༣/༠༨/༡༩

རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཅི་ནན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཟླ་འདིའི་ཚེས་ ༢༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ །༣༠ ཐོགཔའོ་ཤི་ལའི་ལ་ཁྲིམས་རྭའཚོགས་རྒྱུ་ཡིན་གསལ་བསྒྲགས་སྤེལ་འདུག

ཁ་སང་ཚེས་ ༡༨  ཉིན། རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཅི་ནན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཁྲུང་ཆེན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་པའོ་ཤི་ལའི་ཡིས་གཞུང་གི་རྒྱུ་དངོས་ལྐོག་ཟ་བྱས་པ་དང་ལྐོག་རྔན་བླངས་པ། གཞུང་གི་དབང་ཆ་སྒེར་སྤྱོད་བྱས་པ་བཅས་ཀྱི་ཉེས་མང་འོག ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ །༣༠ ཐོག་དངོས་སུ་ཁྲིམས་རྭའཚོགས་རྒྱུ་གསལ་བསྒྲགས་བྱས་རྗེས། ཆབ་སྲིད་དཔྱད་བརྗོད་པ་ཚོས་ཁོ་ལ་ཚེ་བཙོན་དང་ཡང་ན་ལོ་ངོ་ ༢༠ ཙམ་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་མ་ཟད། པའོ་ལ་ཁྲིམས་བཤེར་ཁྲིམསརྭ་ཚོགས་པ་དེས་རྒྱ་ནག་སྲིད་ཆབ་སྡེ་ཚན་གྱི་མགོ་ཁྲིད་ཀྲུའུ་ཡཱོང་ཁང་གི་གནད་དོན་ལ་ཞིབ་བཤེར་བྱེད་པའི་སྔ་ལྟས་ཡིན་སྐོར་སོགས་བརྗོད 

པེ་ཅིན་གྱི་ཁྲིམས་རྩོད་པ་གྲགས་ཅན་ལི་ཅིན་ལིན་གྱིས། པའོ་ཡིས་གཞུང་གི་དབང་ཆ་སྒེར་སྤྱོད་བྱས་པར་དུས་ཡུན་ངེས་ཅན་གྱི་བཙོན་འཇུག་ཁྲིམས་ཆད་འབབ་པ་དང་། རྒྱུ་དངོས་ཕོན་ཆེན་ལྐོག་ཟ་བྱས་པ་ལའང་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་མི་སྲིད་ཀྱང་། ལྐོག་རྔན་འབོར་ཆེན་བླངས་པ་དེ་ལ་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་སྲིད་པ་ལས། སྲོག་ཁྲིམས་དང་དུས་ཡུན་ཕྱི་འགྱངས་ཀྱི་སྲོག་ཁྲིམས་གཅོད་མི་སྲིད་སྐོར་དང་། སྤྱི་ཚོགས་ཐོག་པའོ་ལ་བཟང་ངན་གཉིས་ཀྱི་ལྟ་ཚུལ་མི་འདྲ་བ་ཡོད་ཀྱང་ཐེངས་འདིའི་ཁྲིམས་བཤེར་སྐབས་དེའི་སྐོར་གླེང་སློང་མི་འབྱུང་ཚུལ་བརྗོད་འདུག

ད་རེབ་ཀྱི་ཁྲིམས་བཤེར་དེ་འདས་པའི་ལོ་ངོ་ ༢༠ ནང་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་མགོ་ཁྲིད་ཅིག་ལ་ཁྲིམས་རྭཚོགས་པ་ཐེངས་ པ་ཆགས་ཡོད་པ་དང་ ༡༩༩༨ ལོའི་ཟླ་ པའི་ནང་ཁྲིན་ཤི་ཐཱོང་གིས་ལྐོག་ཟ་རུལ་སུངས་དང་ལས་འགན་སྣང་མེད་བྱས་པའི་ནག་ཉེས་འོག་ལོ་ངོ་ ༡༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་ ༢༠༠༨ ལོའི་ཟླ་ ཚེས་ ༡༡ ཉིན་ཁྲིན་ཉིང་ཡིས་ལྐོག་རྔན་བླངས་པ་དང་གཞུང་གི་དབང་ཆ་སྒེར་སྤྱོད།  ལས་འགན་སྣང་མེད་བྱས་པར་ལོ་ངོ་ ༡༨ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གསར་འགོད་པ། པདྨ་མཚོ།
ཤོག་ངོས་འདི་ཐེངས་ ༡༧༡༤ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།