བོད་མི་ ༣ ལ་ཁྲིམས་ཆད།

འདོན་སྤེལ། ༢༠༡༣/༠༨/༢༠
རྒྱ་གཞུང་གིས་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་ལ་རྐྱེན་བྱས་ཏེ། བོད་མདོ་སྨད་རེབ་གོང་གི་བོད་མི་གསུམ་ལ་ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག   

བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། སྔར་ལོའི་ཕྱི་ཟླ་ ༡༡ནང་བོད་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་མདོབར་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བསྟུད་མར་བྱུང་རྗེས་རྒྱ་གཞུང་གིས་མངོན་ལྐོག་གཉིས་ནས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་ལྟར།  ཉེ་ལམ་རྨ་ལྷོ་ཁུལ་མི་མང་འབྲིང་རིམ་ཁྲིམས་ཁང་གིས་སྐབས་དེར་འཛིན་བཟུང་བྱས་པའི་རེབགོང་རོང་བོ་དགོན་ཆེན་གྱི་རང་ལོ་ ༡༩ ཡིན་པའི་གྲྭ་བརྩོན་འགྲུས་ཆོས་ལྡན་ལགས་སུ་རང་ལུས་མེར་བསྲེཊ་གནང་མཁན་ལ་སྐུལ་སློང་བྱས་པའི་ཉེས་མིང་འོག་ལོ་༢ ཁྲིམས་ཐག་དང་། མདོ་བ་ཁྱི་ལྔ་སྡེ་བའི་རང་ལོ་ ༢༠ ཡིན་པའི་ལྷ་མོ་ལགས་སུ་བོད་རང་བཙན་གྱི་སྐད་འབོད་དང་རྒྱ་ནག་གི་རྒྱལ་དར་གཤགས་པའི་ཉེས་མིང་འོག་ལོ་ ཁྲིམས་ཐག མདོ་བ་ལྡོང་ངེ་བསམ་མེ་ཚང་གི་རང་ལོ་ ༡༧ཡིན་པའི་སློབ་མ་ཞིག་ལ་བོད་རང་བཙན་སྐད་འབོད་བྱས་པའི་ཉེས་མིང་འོག་ལོ་ བཅས་ཀྱི་ཁྲིམས་ཐག་བཅད་དེ་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་མ་ཟད། མདོ་བ་མཁར་སྐྱ་སྡེ་བའི་རང་ལོ་ ༡༨ ཡིན་པའི་བསོད་འབུམ་ཞུ་བར་བོད་རང་བཙན་གྱི་སྐད་འབོད་དང་རང་ལུས་མེར་བསྲེཊ་གནང་མཁན་ཞིག་གིས་རང་སྲེག་མ་གནང་བའི་སྔར་ཉིན་འཕྲུལ་རྟའི་ནང་སྣུམ་སྔ་གཞུག་བླུགས་པ་བཅས་ཀྱི་ཉེས་འཛུགས་འོག་འཇུ་བ་ཟུང་བྱས་རྗེས། ད་ཆར་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་ཁྲིམས་ཐག་མ་བཅད་པར་བཀག་ཉར་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། སྔར་ལོའི་ཕྱི་ཟླ་ ༡༡ ཚེས ༧ དང་ ༡༢ བཅས་སུ་རེབ་གོང་མདོ་ར་རྒྱལ་གཅེས་དཔའ་བོ་བཞི་ཡིས་བསྟུད་མར་རང་ལུས་མེར་བསྲེགས་ཀྱིརྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་ལྟར། ཕྱི་ཚེས་ ༡༦ ཉིན་མདོ་བ་མཁར་སྐྱ་ནས་ཡིན་པའི་གྲྭ་བརྩོན་འགྲུས་ཆོས་ལྡན་དང་དཀོན་མཆོག་བསོད་ནམས་གཉིས་མདོ་བ་ནས་རོང་བོ་དགོན་ཆེན་དུ། ཁོང་གཉིས་ཀྱི་གྲོགས་པོ་སྐལ་བཟང་སྦྱིན་པའིའདས་མཆོད་སྒྲུབ་དུ་འགྲོ་སྐབས། ཉེན་རྟོག་པས་ བོན་པོ་ཉག་ཁ་ཞེས་པའི་ས་གནས་སུ་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག  རྗེས་སུ་ཨ་ལགས་རྒྱ་མཚོ་དང་སྡེ་མི་ག་ཅིག་གིས་ཞུ་གཏུག་ཡང་ཡང་བྱས་རྗེས་ཀློད་ཡོད་ཀྱང་། དེིའི་རྗེས་སུ་ཡང་བསྐྱར་འཛིན་བཟུང་བྱས་ཏེ་ཉེ་ལམ་གྲྭ་བརྩོན་འགྲུས་ཆོས་ལྡན་ལགས་སུ་ཁྲིམས་ཐག་བཅད་ཡོད་འདུག

གྲྭ་བརྩོན་འགྲུས་ཆོས་ལྡན་ལགས་ནིརེབ་གོང་མདོ་བ་མཁར་སྐྱ་སྡེ་ནས་ཡིན་པ་དང་ཕ་མིང་ལ་མཁའ་འགྲོ་དང་མ་མི་ཀུ་ལེ་འབོད་ཀྱི་ཡོད་འདུག དེ་སྔོན་ཁོང་གིས་རེབ་གོང་རོང་བོ་དགོན་ཆེན་དུ་སློབ་གཉེར་གནང་བཞིན་ཡོད་འདུག

གསར་འགོད་པ། དོན་གོ
ཤོག་ངོས་འདི་ཐེངས་ ༡༡༨༧ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།