རྩེད་འགྲན་འཛིན་བྱང་

འདོན་སྤེལ། ༢༠༡༣/༠༨/༢༠

ཁ་སང་ནས་འབྱུང་འགྱུར་ཟླ་ ཚེས་ ༡༦ བར། ལོ་རྗེས་མར་སི་ཀོ་ཌི་ལན་ཌིའི་ནང་ཚོགས་རྒྱུའི་ལུས་རྩལ་འགྲན་ཚོགས་ཆེ་མོའི་འཛིན་བྱང་བཙོང་མགོ་ཚུགས་འདུག

ཕྱི་ཚེས་ ༡༩ ཉིན་ལོ་རྗེས་མར་སི་ཀོ་ཌི་ལན་ཌིའི་གྲོང་ཁྱེར་གྷི་ལཱ་སི་གྷོ་ (Glasgow) རུ། དེ་སྔའི་དབྱིན་ཇིའི་མངའ་འོག་ཡིན་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་ལོ་བཞི་རེའི་མཚམས་ཀྱི་ལུས་རྩལ་འགྲན་ཚོགས་ (Commonwealth Games) ཐེངས་ཉི་ཤུ་པའི་འཛིན་བྱང་བཙོང་མགོ་ཚུགས་ཡོད་འདུག འཛིན་བྱང་ཉོ་འདོད་ཡོད་རིགས་ཚོས་འཆར་ཟླའི་ཚེས་ ༡༦ བར་སྙན་ཞུ་འབུལ་ཆོག་པ་དང་དེའི་རྗེས་སུ་ཆ་རྐྱེན་ཚང་རིགས་ཚོར་འཛིན་བྱང་བཙོང་གཏན་འཁེལ་རྗེས་ས་མིག་ལྷག་མ་ཅི་ཡོད་བསྐྱར་དུ་འཚོང་བརྡ་གཏོང་འཆར་ཡོད་པ་དང་། རྩེད་མོ་རེར་དབྱིན་སྒོར་ ༡༥ ནས་ ༢༥ བར་ཡིན་ཞིང་ བྱིས་པ་དང་ལོ་ ༦༠ ཡན་གྱི་རྒན་རྒོན་ཚོར་ཕྱེད་བཅག་བྱ་རྒྱུ་ཡིན་འདུག

རྩེད་འགྲན་སྐབས་རྩེད་ར་མི་འདྲ་བ་ ༡༤ ནང་རྩེད་མོའི་རྣམ་གྲངས་ཆེ་བ་ ༡༧ ཚོགས་རྒྱུ་ཡིན་པ་དང་། རྩེད་མོ་ཁག་གི་འཛིན་བྱང་གི་རིན་གོང་སྣ་ཚོགས་ཡིན་པ་ལས། མཐོ་ཤོས་རྩེད་མོ་རེར་དབྱིན་སྒོར་ ༣༠ ནས་ ༩༠ བར་ཡིན་པ་དང་ དབུ་འབྱེད་མཛད་སྒོའི་འཛིན་བྱང་ལ་དབྱིན་སྒོར་ ༤༠ ནས་ ༢༥༠ ཡིན་འདུག གོ་སྒྲིག་ཚོགས་ཆུང་གིས་ཐེངས་འདིར་འཛིན་བྱང་གི་སྙན་ཞུ་དང་ཉོ་འཚོང་སྟབས་བདེ་དང་ལས་སླ་བོ་བཟོས་ཡོད་སྐོར་དང་ ཆ་རྐྱེན་ཚང་རིགས་ཚོས་འཛིན་བྱང་གི་རིན་བབ་སྦྲགས་ལམ་དང་དངུལ་ཁང་དངུལ་བྱང་སོགས་གང་རུང་བརྒྱུད་སྤྲོད་ཆོག་གི་ཡོད་པར་བཀོད་འདུག

རྩེད་འགྲན་འདི་ནི་ ༢༠༡༤ ཟླ་ ཚེས་ ༢༣ ནས་ཉིན་ ༡༡ རིང་ཚོགས་རྒྱུ་ཡིན་པ་དང་ ལུས་རྩེད་འགྲན་ཚོགས་དེར་རྒྱལ་ཁབ་ ༧༡ ནས་རྩེད་འགྲན་པ་ ༤༥༠༠ ཙམ་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།
ཤོག་ངོས་འདི་ཐེངས་ ༢༤༧༢ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།