མི་རབས་ནས་མི་རབས་ལ་རྒྱུན་གནས་ཐུབ་པའི་འཆར་གཞི་སྒྲིཊ།

འདོན་སྤེལ། ༢༠༡༣/༠༨/༢༡

རྒྱ་གར་ལྷོ་ཕྱོཊ་སྤེལ་ཀོབ་ལུཊ་ཟུང་བསམ་གྲུབ་གླིང་དུ་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོཊ་ཆེན་ཐེངས་ ༡༣ པ་མགོ་འཛུགས་གནང་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༠ ཉིན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་འོག རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་མི་མང་མཉམ་འབྲེལ་ཚོགས་ཁང་དུ། བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༣ མགོ་འཛུགས་ཀྱིས་ཉིན་གྲངས་ རིང་ཚོགས་བཞིན་ཡོད་པ་དང་ ཚོགས་འདུ་མགོ་འཛུགས་མཛད་སྒོར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་འདུག

བཀའ་ཟུར་མཆོག་གིས་བཙན་བྱོལ་བོད་མིའི་ལོ་ངོ་ལྔ་བཅུ་ང་གྲངས་ཀྱི་གཞན་རྟེན་བསམ་བློ་དོར་ཏེ། མི་རབས་ནས་མི་རབས་བར་རྒྱུན་གནས་ཐུབ་པའི་ལས་རིམ་བསྒྲིག་དགོས་པའི་སྐོར་ལ་ལམ་སྟོན་གནང་དོན།  ང་ཚོ་བོད་པས་ལས་གཞི་ཞིག་བརྩམས་ཕྱིན་ཆད་ལ་རོགས་དངུལ་ལེན་ཤག་བྱ་རྒྱུའི་གོམས་གཤིས་དེ་ལོ་ལྔ་བཅུ་ང་གྲངས་ནས་འཇགས་ཡོད། གོམས་གཤིས་དེ་དག་མེད་པ་བཟོ་རྒྱུ་ཕྱི་དྲགས་པ་རེད་མ་གཏོགས་སྔ་དྲགས་མེད། གཅིག་བྱས་ན་མ་འོངས་པར་སྤྱི་མཐུན་མཉམ་འབྲེལ་གྱིས་འཛིན་སྐྱོང་དང་ལམ་སྟོན་འོག ས་གནས་མཉམ་འབྲེལ་ཚང་མས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཆོས་དང་རིག་གཞུང་ཤེས་ཡོན་སློབ་གསོ། འཕྲོད་བསྟེན་སོགས་ཀྱི་ཐོག་གོ་ཁྲིད་གནང་ཐུབ་པ་ཞིག་དང་ མ་འོངས་པར་གཞིས་བྱེས་མཉམ་འཛོམས་བྱུང་སྐབས་རྒྱལ་ནང་དང་རྒྱལ་སྤྱིའི་གཉིས་ནང་མཉམ་འབྲེལ་གྱི་ལས་འགུལ་ཐོག་ནས་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཆེན་པོ་བསྒྲུབ་རྒྱུའི་གོ་སྐབས་དང་མཐུན་རྐྱེན་ས་བོན་ཡོདང་ཚོས་དེ་ངོ་ཤེས་པའི་ཐོག་བེད་སྤྱོད་གནང་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ནས་འཆར་གཞི་ལོ་གསུམ་དང་ལྔ་ཙམ་མ་སྒྲིག་པར་མི་རབས་ནས་མི་རབས་བར་རྒྱུན་གནས་ཐུབ་པའི་ལས་རིམ་བསྒྲིག་རྒྱུ་ཧ་ཅང་གལ་ཆེན་པོ་རེད ཅེས་སོགས་གསུངས་ཡོད་འདུག

གསར་འགོད་པ། པདྨ་མཚོ།
ཤོག་ངོས་འདི་ཐེངས་ ༡༣༡༢ ལ་བཀླགས་འདུག
རིག་པ་འདོན་པ།
བློ་སྤེན།
༢༠༡༣/༠༨/༢༢ ཉིན་འདོན་སྤེལ་བྱས།
དུས་བབ་ཚང་གི་གསར་འགོད་པ་གསར་པ་པདྨ་མཚོ་ལགས་གསར་འགྱུར་ཡག་པོ་འགོད་སྤེལ་གནང་འདུག་ཐུགས་རྗེ་ཆེ། བོད་ཀྱི་དུས་བབ་ནང་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་མཁས་དབང་ཟེར་ནས་བེད་སྤྱོད་བྱེད་པ་ད་བར་ཕལ་ཆེར་མཐོང་མྱུང་མེད་པས་བོད་ཀྱི་དུས་བབ་ཚང་གི་སྲིད་ཇུས་ཤིག་ཡིན་གྱི་རེད་བསམ་སོང་ཡང་དེ་ལྟར་རང་མིན་པ་འདྲ།
ཁྱམས་འཇུགས་
༢༠༡༣/༠༨/༢༡ ཉིན་འདོན་སྤེལ་བྱས།
ཡག་པོ་འདུག་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།