དུག་མཚོན་གྱིས་མི་༢༡༣ བསད་འདུག

འདོན་སྤེལ། ༢༠༡༣/༠༨/༢༡

སེ་རི་ཡའི་གཞུང་གིས་གྱེན་ལོག་ཚོགས་པས་འཇུས་ཡོད་པའི་གྲོང་ཚོ་ཁག་གསུམ་དུ་དུག་མཚོན་གཡུགས་ཏེ་མི་༢༡༣ ཙམ་བསད་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་ས་གནས་ཆུ་ཚོད་ ༣།༠༠ ཐོག  སེ་རི་ཡ་གཞུང་གིས་གྱེན་ལོག་ཚོགས་པས་འཛིན་བཟུང་བྱས་ཡོད་པའི་གྲོང་ཁྱེར་ཊཱ་མཱ་སི་ཁཱ་སི་( Damascus) ཉེ་འགྲམ་གྱི་གྲོང་ཚོ་ཨ་ཨིན་ཌར་མཱ་ (Ain tarma) དང་རྫ་མཱ་ཁཱ( Zamalka) ཇོ་སྦར་( Jobar)  གསུམ་དུ་དུག་མཚོན་ཅན་གྱི་མེ་ཤུགས་འཕུར་མདའ་གཡུགས་ཏེ། མི་ ༢༡༣ བསད་འདུག་པ་མ་ཟད། དུག་རྨས་ཐེབས་པའི་མི་མང་པོ་ཞིག་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག

ས་གནས་སྨན་ཁང་གི་ནད་གཡོག་པཱ་ཡན་པཱ་ཁེར་ (Bayan Baker) ལགས་སྦི་སྦི་སེའི་གསར་འགོད་པ་བརྗོད་དོན། རྨས་སྐྱོན་ཤོར་བ་མང་ཆེ་བ་ནི་བྱིས་པ་དང་བུད་མེད་རེད། ཁོ་ཚོ་མང་ཆེ་བ་ཞིག་སྨན་ཁང་ནང་སླེབདུས་དབུགས་འཚང་པ་དང་རྐང་ལག་གྲང་མོར་ཆགས་པ། ཁ་ནང་ནས་ཝུ་བ་འཕྱུར་བ་སོགས་བྱེད་ཀྱི་འདུག སྨན་པ་ཚོས་བཤད་ན། ཁོ་ཚོའི་དབང་རྩར་དུག་རླངས་ཕོག་པའི་དམིགས་བསལ་ནད་རྟགས་ཅན་ཞིག་ལ་ངོས་འཛིན་གནང་གི་འདུག་ཅེས་བརྗོད་འདུག 

སེ་རི་ཡ་གཞུང་གི་སཱ་ནཱ་(SANA) གསར་འགྱུར་བརྒྱུད་ལམ་གྱིས།  དེ་རིང་གནད་དོན་དེ་ནི་གྱེན་ལོག་ཚོགས་པས་སྲིད་གཞུང་ལ་གཞི་མེད་སྐྱོན་བརྗོད་བྱས་པ་ཞིག་ཡིན་པ་དང་  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སེ་རི་ཡའི་ནང་ཆེད་གཏོང་བྱས་པའི་རྒྱལ་ཚོགས་དུག་མཚོན་རྟོག་ཞིབ་ལྷན་ཚོགས་ཀྱིས། སེ་རི་ཡའི་ནང་དུག་མཚོན་བེད་སྤྱོད་བཏང་ཡོད་མེད་སྐོར་ལ་ཞིབ་འཇུག་བྱེད་བཞིན་པའི་ཁ་ཕྱོགས་བསྒྱུར་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག  འོན་ཀྱང་ རྒྱལ་ཚོགས་དུག་མཚོན་རྟོག་ཞིབ་ལྷན་ཚོགས་ཀྱིས་མི་འགྱངས་བརདེ་རིང་དུག་མཚོན་གཡུག་ཡུལ་གྱི་ས་གནས་ཁག་སོ་སོར་ཞིབ་འཇུག་བྱ་རྒྱུ་ཡིན་གསར་ལམ་ཁག་ནང་བཀོད་འདུག ད་སྔ་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་གནད་དོན་འདིའི་སྐོར་འགྲེལ་བརྗོད་གང་ཡང་གནང་མི་འདུག

ཉེ་ལམ་ཟླ་གསུམ་སྔོན། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་སེ་རི་ཡའི་སྲིད་འཛིན་སྦ་ཤཱར་ (Bashar Al-Assad) གྱིས། སེ་རི་ཡའི་ནང་གི་གྱེན་ལོག་པ་རྩ་མེད་གཏོང་སླད་དུག་རླངས་བེད་སྤྱོད་བཏང་ཡོད་པར་ངོས་འཛིན་གནང་བ་མ་ཟད་ ཨ་རི་གཞུང་གིས་གྱེན་ལོག་ཚོགས་པར་མཚོན་ཆའི་རོགས་འདེགས་བྱེད་རྒྱུར་གསལ་བསྒྲགས་བྱས་ཡོད་ཀྱང་ ཨུ་རུ་སུ་གཞུང་གིས་དེ་ལས་ལྡོག་སྟེ་སྲིད་འཛིན་སྦ་ཤཱར་གཞུང་རྒྱབ་སྐྱོར་བྱས་སྟབས། ད་ལྟའི་བར་སི་རེ་ཡའི་ཟིང་འཁྲུག་དཀའ་རྙོག་སེལ་མ་ཐུབ་པར་ལྷག་ཡོད།

ཤོག་ངོས་འདི་ཐེངས་ ༡༦༧༤ ལ་བཀླགས་འདུག
རིག་པ་འདོན་པ།
ཀརྨ་རྡོ་རྗེ།
༢༠༡༣/༠༨/༢༢ ཉིན་འདོན་སྤེལ་བྱས།
སེ་རི་ཡའི་སྲིད་འཛིན་སྦ་ཤཱར་ (Bashar Al-Assad) གྱིས། སེ་རི་ཡའི་ནང་གི་གྱེན་ལོག་པ་རྩ་མེད་གཏོང་སླད་དུག་རླངས་བེད་སྤྱོད་བཏང་ཡོད་པར་ངོས་འཛིན་གནང་བ་མ་ཟད་། ཨ་རི་གཞུང་གིས་གྱེན་ལོག་ཚོགས་པར་མཚོན་ཆའི་རོགས་འདེགས་བྱེད་རྒྱུར་གསལ་བསྒྲགས་བྱས་ཡོད་ཀྱང་། ཨུ་རུ་སུ་གཞུང་གིས་དེ་ལས་ལྡོག་སྟེ་སྲིད་འཛིན་སྦ་ཤཱར་གཞུང་རྒྱབ་སྐྱོར་བྱས་སྟབས། ད་ལྟའི་བར་སི་རེ་ཡའི་ཟིང་འཁྲུག་དཀའ་རྙོག་སེལ་མ་ཐུབ་པར་ལྷག་ཡོད། ་ཟེར།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།