སློབ་མ་གཉིས་བོར་བརླག

འདོན་སྤེལ། ༢༠༡༣/༠༨/༢༢
རྒྱ་གཞུང་གིས་སྔར་ལོའི་ཕྱི་ཟླ་ ༡༠ བའི་ཟླ་མགོར་ཁམས་འབྲི་རུ་རྫོང་གི་སློབ་མ་གཉིས་ལྷ་སར་འཛིན་བཟུང་བྱས་རྗེས། ད་ཆར་ཡང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག  

རྒྱ་ནག་གཞུང་གིས་སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ཁམས་འབྲི་རུ་རྫོང་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་དགུ་འགྲུབ་ལགས་ཀྱི་ཚ་བོ་བཀྲ་ཤིས་ཆོས་དབང་དང་མོ་པ་གྲོང་ཚོའི་ཨ་བུ་བསོད་ནམས་ཞུ་བ་གཉིས་སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༦ ཉིན་གྱི་དགོང་མོལྷ་སར་འཛིན་བཟུང་བྱས་ཏེ། ད་ཆར་ཡང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག

བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་བཀྲ་ཤིས་ཆོས་དབང་དང་ཨ་བུ་བསོད་ནམས་གཉིས་ཀྱིས། དེ་སྔོན་ལྷ་སའི་དུང་དཀར་སྐད་ཡིག་སློབ་གྲྭའི་ནང་སློབ་སྦྱོང་གནང་ཡོད་པ་དང་། རྗེས་སུ་བཀྲ་ཤིས་ཆོས་དབང་གིས་རྒྱ་ནག་ནང་ཕྱིན་སྟེ་སློབ་སྦྱོང་བྱེད་ཀྱི་ཡོད་ཀྱང་། ཁོང་གི་སྤུན་མཆེད་རྒྱལ་གཅེས་དཔའ་བོ་དགུ་འགྲུབ་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་སྟེ་སྐུ་གྲོངས་རྗེས། རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ་ཁོང་ཕྱིར་རང་ཡུལ་དུ་ལོག་དགོས་བྱུང་བ་དང་། རྒྱ་ནག་ནས་ལྷ་སར་བསླེབས་སྐབས་རྒྱ་གཞུང་གིས་ཁོང་དང་ཨ་བུ་བསོད་ནམས་གཉིས་འཛིན་བཟུང་གིས་གར་སོང་ཆ་མེད་ཆགས་ཡོད་འདུག

གསར་འགོད་པ། དོན་གོ

ཤོག་ངོས་འདི་ཐེངས་ ༩༦༠ ལ་བཀླགས་འདུག
རིག་པ་འདོན་པ།
གཅན་བཟོད་རྒྱམ།
༢༠༡༣/༠༨/༢༣ ཉིན་འདོན་སྤེལ་བྱས།
བོར་སོང་བ་རེད་ཟེར་ན་མི་ཤེས། རྩད་གཅོད་ནུས་ན་རྒྱ་གོང་ཁྲན་གྱི་བཙོན་ཀང་དང་བདེ་སྲུང་ལས་ཁུངས་ལ་དྲིས་ལ་ཤེས་ངེས། དེ་མིན་བཙོན་བཅུག་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ་རེད་ཟེར་པ་ལོས་ཡིན།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།