བཞུགས་སྒར་དུ་ཆིབས་བསྒྱུར།

འདོན་སྤེལ། ༢༠༡༣/༠༨/༢༣

༧གོང་ས་མཆོག་གིས་འདས་པའི་བདུན་ཕྲག་གསུམ་ལྷག་རིང་གི་ལ་དྭགས་ཁུལ་གྱི་མཛད་འཕྲིན་ཡོངས་གྲུབ་སྟེ། དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༤༠ སྟེང་ཕྱིར་ངྷ་སའི་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་གནང་སོང་

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་༧གོང་ས་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་གྱིས་དུས་ཡུན་བདུན་ཕྲག་གསུམ་རིང་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་སྐུ་མཚམས་ལ་བཞུགས་ཡོད་པ་དང་།  ཚེས་ ༢༡ ཉིན་སྐུ་མཚམས་གྲོལ་ཏེ་ལ་དྭགས་ནང་པའི་ཆོས་ཚོགས་དང་དགོན་སྡེ་ཁག་གི་གསོལ་འདེབས་ཞུས་དོན་ལྟར་ཆོས་ཞུ་བ་ ༡༥༠༠༠ ལྷག་ལ་སྒྲོལ་དཀར་གྱི་ཚེ་དབང་གནང་སྟེ་ལ་དྭགས་ཁུལ་མཛད་འཕྲིན་ལེགས་པར་གྲུབ་ཡོད། དེ་རིང་ཞོགས་པའི་ཆུ་ཚོད་ ༩།༤༠སྟེང་བཙན་བྱོལ་བོད་མིའི་དམངས་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་གི་ཕེབས་བསུའི་ཁྲོད་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བཀོད་སོང་

ཟླ་འདིའི་ཕྱི་ཚེས་ ༢༥ ནས་ ༢༧ བར་གྱི་ཉིན་གསུམ་རིང་༸གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་གཙོས་འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་པ་རྣམས་ལ་འཇམ་མགོན་བླ་མ་ཙོང་ཁ་པས་མཛད་པའི་༼ལམ་རིམ་བསྡུས་དོན༽དང་སྔགས་རིམ་ཆེན་མོའི་གསུང་ཆོས་སྩོལ་རྒྱུ་ཡིན་འདུག

 
གསར་འགོད་པ། དོན་གོ
ཤོག་ངོས་འདི་ཐེངས་ ༣༩༢༠ ལ་བཀླགས་འདུག
རིག་པ་འདོན་པ།
ཤག་སྒང་པ།
༢༠༡༣/༠༨/༢༣ ཉིན་འདོན་སྤེལ་བྱས།
སྐུ་མཚམས་གྲོལ་ཀྱང་གཞིས་ཆགས་འགར་ཆོས་རིག་བཀའ་བློན་གྱིས་བཀའ་བརྡ་ལྟར། ད་དུང་མ་ཎི་སོགས་གསོག་འདོན་གྱི་ཞབས་རིམ་མུ་མཐུད་འགྲོ་དགོས་པ་དེས། འབྱོར་མེད་མི་མང་མང་པོའི་ཉིན་རེའི་ཡོང་སྒོར་བརྡབ་གསིག་མང་པས་ལས་ཆག་ཀྱི་དཀའ་ངལ་དངོས་ཡོད་མང་བས་ད་མཚམས་འཇོགས་གནང་ན་འགྲིག་གི་ཡོད་དམ།
ཀརྨ་རྡོ་རྗེ།
༢༠༡༣/༠༨/༢༣ ཉིན་འདོན་སྤེལ་བྱས།

༸གང་༸སྐུ་༸སྐུ་༸ཚེ་ཡུན་བརྟན་ཤོག། །།

གཅན་བཟོད་རྒྱམ།
༢༠༡༣/༠༨/༢༣ ཉིན་འདོན་སྤེལ་བྱས།
བཅོམ་ལྡན་འདིར་ནི་བྱོན་པ་ལེགས།།
བདག་ཅག་བསོད་ནམས་བསྐལ་བར་ལྡན།།
ཇི་སྲིད་མཆོད་པ་བདག་བགྱིད་ན།།
དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ།།

རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།