རྒྱ་མཚོ་འཁྱོམས་ཏེ་གོད་ཆག་བྱུང་

འདོན་སྤེལ། ༢༠༡༣/༠༨/༢༣


ཁ་སང་པེ་ཅིན་གྱི་ཉིན་གུང་ཆུ་ཚོད་
༡༢ དང་སྐར་མ་ ༤༠ ཙམ་ལ། རྒྱ་ནག་ཀྲེ་ཅང་ཞིང་ཆེན་ཧྲེ་ལིན་གྱི་རྫོང་ཁག་ ༡༣ ནང་གློ་བུར་རྒྱ་མཚོའི་རྦ་རླབས་ཀྱི་མཐོ་ཚད་སྨི་ ༣༠ ལྷག་ཡར་འཕྱུར་ཏེ། མི་ ༣༠ ལྷག་ལ་རྨས་སྐྱོན་དང་ མི་འབུམ་ ཙམ་ལ་གནོད་སྐྱོན། དེ་བཞིན། རྒྱ་སྒོར་དུང་ཕྱུར་ ལྷག་གི་དཔལ་འབྱོར་གྱོང་གུད་ཐེབས་ཡོད་པ་སོགས་རང་བྱུང་གི་གནོད་འཚེ་ཆེན་པོ་ཐེབས་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང། ད་སྔ་མི་འདས་གྲོངས་སོང་བའི་གནས་ཚུལ་གསལ་བོ་མི་འདུག

རྒྱ་ནག་དབུས་གནམ་གཤིས་བརྟག་དཔྱད་ཁང་གིས་ཉེན་བརྡ་བཏང་བ་ལྟར་ན།  དེ་རིང་ཉིན་རྒྱབ་ཆུ་ཚོད་ ནས་སང་ཉིན་ཉིན་གུང་ཆུ་ཚོད་ བར་ཀང་ཏུང་དང་ཀང་ཞི། ཧེ་ནན། ཧུའུ་ནན། ཀེ་ཀྲུའུ། ཧྲུའུ་པེ། ཨན་ཝེ། ཅང་སུའུ་སོགས་ཞིང་ཆེན་ཁག་བཅུ་གཅིག་ཙམ་གྱི་ནང་དུ་དྲག་ཆར་དང་ལྷགས་རླུང་གཡུག་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

ཤོག་ངོས་འདི་ཐེངས་ ༣༣༦༨ ལ་བཀླགས་འདུག
རིག་པ་འདོན་པ།
བྱ་ཐུང་
༢༠༡༣/༠༨/༢༤ ཉིན་འདོན་སྤེལ་བྱས།
སྤྱིར་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་མགོ་ལ་སྡུལ་བསྔལ་ཞིག་མ་ཡོང་ན་བསམ་གི
ཡིན་ནའང་རྒྱ་གུང་ཁྲན་གཞུང་དམངས་གཉིས་ནས་ངེད་བོད་པ་ཚང་ས་སྡུག་བསྔལ་སྤྲད་པ་མང་དྲག་པས་དེ་འདྲ་ཞིག་བྱུང་ནའང་ཏག་ཏག་རེད།
སོ་མ་ན་ན་སོ་ན་བའི་སྡུག་བསྔམ་མི་ཤེས་ཀི
ཀརྨ་རྡོ་རྗེ།
༢༠༡༣/༠༨/༢༤ ཉིན་འདོན་སྤེལ་བྱས།
ཧྲེ་ལིན་གྱི་རྫོང་ཁག་ ༡༣ ནང་གློ་བུར་རྒྱ་མཚོའི་རྦ་རླབས་ཀྱི་མཐོ་ཚད་སྨི་ ༣༠ ལྷག་ཡར་འཕྱུར་ཏེ། མི་ ༣༠ ལྷག་ལ་རྨས་སྐྱོན་དང་། མི་འབུམ་ ༦ ཙམ་ལ་གནོད་སྐྱོན། ་
བྱུང་བར་གདུང་སེམས་མཉམ་བསྐྱེད་ཡོད།
ཐོ་རེངས།
༢༠༡༣/༠༨/༢༤ ཉིན་འདོན་སྤེལ་བྱས།
རྒྱ་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་ལེན་ཞུ།
གཅན་བཟོད་རྒྱམ།
༢༠༡༣/༠༨/༢༣ ཉིན་འདོན་སྤེལ་བྱས།
རྒྱ་མི་རིགས་ཀྱི་མགོ་ཐོག་ལའང་སྡུག་མང་པོ་ཡོང་ན་མི་གཞན་གྱི་སྡུག་བསྔལ་ཟེར་བ་དེ་གང་འདྲ་ཞིག་ཡིན་པ་ངོས་ཟིན་འཐོབ་གི་རེད།
ཁང་མུན་གྲོལ།
༢༠༡༣/༠༨/༢༣ ཉིན་འདོན་སྤེལ་བྱས།
ཨ་ཁ། ད་ཡིན་ན། དཔེ་བསགས་ཤག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།